![cover image](https://wikiwandv2-19431.kxcdn.com/_next/image?url=https://upload.wikimedia.org/wikipedia/commons/thumb/d/dd/Full_Moon_Luc_Viatour.jpg/640px-Full_Moon_Luc_Viatour.jpg&w=640&q=50)
ཟླ་བ།
From Wikipedia, the free encyclopedia
ཟླ་བའི་གོ་ལ་ནི་སའི་གོ་ལའི་རང་བྱུང་འཁོར་སྐར་ཁོ་ན་ཡིན་ལ་ང་ཚོ་དང་ཐག་ཆེས་ཉེ་ཤོས་ཀྱི་སྐར་མའི་གོ་ལ་ཡིན། ཆ་སྙོམས་བྱས་ན་སའི་གོ་ལ་དང་བར་ཐག་སྟོང་སྨིས་ཁྲི་༣༨.༤༤ཡོད་པ་དང་ཚངས་ཐིག་ལ་སྟོང་སྨིས་༣༤༧༦ཡོད། ཟླ་བའི་གོ་ལས་རང་འཁོར་ཐེངས་གཅིག་རྒྱག་པའི་དུས་ཚོད་ནི་ཉིན་༢༧.༣༢༡༦༦ཡིན་པ་དང་དེ་ཡང་ཉིན་༢༧དང་ཆུ་ཚོད་༧དང་སྐར་མ་༤༣དང་སྐར་ཆ་༡༡.༤ཡིན། ཟླ་བའི་གོ་ལ་ནི་ད་ཕན་འགྲོ་བ་མིའི་སླེབས་མྱོང་བའི་སྐར་མའི་གོ་ལ་གཅིག་པུ་ཉིད་ཡིན།[1]
![Thumb image](http://upload.wikimedia.org/wikipedia/commons/thumb/d/dd/Full_Moon_Luc_Viatour.jpg/640px-Full_Moon_Luc_Viatour.jpg)