![cover image](https://wikiwandv2-19431.kxcdn.com/_next/image?url=https://upload.wikimedia.org/wikipedia/commons/thumb/5/5e/Miguel_%25C3%2581ngel%252C_por_Daniele_da_Volterra_%2528detalle%2529.jpg/640px-Miguel_%25C3%2581ngel%252C_por_Daniele_da_Volterra_%2528detalle%2529.jpg&w=640&q=50)
མེ་ཀེ་ལན་ཇུ་ལོ།
From Wikipedia, the free encyclopedia
མེ་ཀེ་ལན་ཇུ་ལོ་(ཡི་ཏ་ལིའི་སྐད།: Michelangelo di Lodovico Buonarroti Simoni)ནི་ཧྥུ་ལོ་རོན་ཟིའུ་ཡའི་གྲོང་ཁྱེར་སྲིད་གཞུང་ཁང་གི་སྲིད་འཛིན་དཔོན་པོའི་བུ་ཡིན་ལ་ཆུང་དུས་ནས་འཇིམ་བརྐོས་ལ་དགའ། ཁོང་གིས་རང་གི་ཨ་ཕ་མ་འཐད་པ་སྣང་མེད་དུ་བཞག་སྟེ་ཧུར་ཐག་སྒོས་རི་མོ་བསླབས། རྗེས་སུ་L.མེ་ཏེ་ཆིའི་རོགས་རམ་འོག་གནའ་གཞུང་རྩོམ་རིག་དང་སྒྱུ་རྩལ་ལ་སྦྱངས་པ་བྱས་མཐར་དུས་རབས་གཅིག་གི་སྒྱུ་རྩལ་མཁན་པོར་གྱུར། ཁོང་གིས་འཇིམ་བརྐོས་དང་རི་མོ། བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ཁྱད་འཕགས་བརྩམས་ཆོས་མང་པོ་འཇོག་གནང་མཛད་ཡོད། དེ་དག་ལས་ཆེས་སྐད་གྲགས་ཆེ་བ་ནི་ཝ་ཐི་ཁན་གྱི་སིའུ་ན་ཡེ་ཤུ་ཆོས་ཁང་གི་གནམ་གཅལ་གྱི་ལྡེབས་རིས་ཆེན་པོ་དེ་ཡིན། ཁོའི་བླ་ན་མེད་པའི་སྒྱུ་རྩལ་མཛད་རྗེས་ཀྱིས་ཁོ་དང་ཏ་ཧྥུན་ཆི་ལ་ཧྥེལ་གསུམ་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོའི་མཁས་ཆེན་གསུམ་དུ་གྲགས།[1]
![Thumb image](http://upload.wikimedia.org/wikipedia/commons/thumb/5/5e/Miguel_%C3%81ngel%2C_por_Daniele_da_Volterra_%28detalle%29.jpg/640px-Miguel_%C3%81ngel%2C_por_Daniele_da_Volterra_%28detalle%29.jpg)