From Wikipedia, the free encyclopedia
བོད་པ་ནི་བོད་ཡུལ་ཞེས་པའི་མི་རིགས་ཀྱི་མི་རེད།
བོད་རིགས་ཀྱི་བོད་སྐད་བརྗོད་པ་དང་ བོད་རིགས་མང་ཆེ་བ་ནི་ནང་ཆོས་བྱེད་པ་དང་ འགའ་ཤས་བོན་ཆོས་བྱེད་ཀྱིན་ཡོད་ འགའ་ཤས་ཁ་ཆེའི་ཆོས་བྱེད་ཀྱིན་ཡོད། ནང་ཆོས་ཀྱིས་བོད་ཀྱི་སྒྱུ་རྩལ་དང་ཟློས་གར་ཁང་རྩིག་བཟོ་རིག་ལ་སོགས་ལ་ཤུགས་རྐྱེན་ཆེན་པོ་འཐེབ་ཀྱིན་ཡོད།
བོད་མི་རིགས་ཀྱི་འབྱུང་ཚུལ་བཤད་པ་ཞིག་སྟེ་བོད་མི་རིགས་ཐོག་མར་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་བྱུང་བ་བཤད་པ་ཞིག་རེད།
༢༠༡༠ལོར་རྒྱུ་ཕྲ་རབ་ལ་ཞིབ་འཇུག་བྱེད་མཁན་ཚོས་བོད་མི་རིགས་མང་ཆེ་བ་ཡི་རྒྱུ་ཕྲ་རབ།[1]
བོད་སྐད་རིགས་ཡུལ་སྐད་སྣ་ཚོགས་ཡོད་པ་དང་ཁམས་ཀྱི་ཡུལ་སྐད་དང་ཨ་མདོའི་་ལྷ་སའི་སྐད་བཅས་ཡོད་ཅིང་དེ་དག་ལ་རང་རང་གི་ཁྱད་ཆོས་ཅུང་མི་འདྲ་བ་རེ་ཡོད་པ་ཡིན།
བོད་ལྗོངས། 2716389 ༢༠༡༠ལོའི་རྒྱ་གཞུང་གིས་མི་གྲངས་ཁྱབ་བཤེར། མཚོ་སྔོན་ཞིང་ཆེན། 1375062 ༢༠༡༠ལོའི་རྒྱ་གཞུང་གིས་མི་གྲངས་ཁྱབ་བཤེར། ཟི་ཁྲོན་དཀར་མཛེས་ཁུལ། 854860 ༢༠༡༠ལོའི་རྒྱ་གཞུང་གིས་མི་གྲངས་ཁྱབ་བཤེར། ཟི་ཁྲོན་རྔ་པ་ཁུལ། 489782 ༢༠༡༠ལོའི་རྒྱ་གཞུང་གིས་མི་གྲངས་ཁྱབ་བཤེར། ཟི་ཁྲོན་སྨི་ལིའམ་མུ་ལི་རྫོང་། 40312 ༢༠༠༠ལོའི་རྒྱ་གཞུང་གིས་མིས་གྲངས་ཁྱབ་བཤེར༎ ཀན་སུའུ་གཙོས་ཁུལ། 378500 ༢༠༡༠ལོའི་རྒྱ་གཞུང་གིས་མིས་གྲངས་ཁྱབ་བཤེར༎ ཀན་སུའུ་དཔལ་རིས་རྫོང་། 66125 ༢༠༠༠ལོའི་རྒྱ་གཞུང་གིས་མིས་གྲངས་ཁྱབ་བཤེར༎ ཡུན་ནན་བདེ་ཆེན་ཁུལ། 129496 ༢༠༠༠ལོའི་རྒྱ་གཞུང་གིས་མིས་གྲངས་ཁྱབ་བཤེར༎ ཕྱི་སྡོད་བོད་མི། 127935 བཙན་བྱོལ་བོད་གཞུང་གི་༢༠༠༩ ལོའི་མི་འབོར་ཞིབ་བཤེར་བྱས་པ། སྡོམ་བོད་ཕྱོགས་ཁ་གསུམ་གྱི་མི་གྲངས། 6178461 ཡིན་ལ་ད་དུང་རྫོང་ཁག་གཉིས་ཀྱི་མི་གྲངས་ཚུད་མེད། འདི་དག་ཚང་མ་ཁ་ལ་རྩམ་པ་ཟ་མཁན་དང་ངག་ནས་བོད་སྐད་བཤད་མཁན་རེད་དོ། དོན་དངོས་ཐོག་རྒྱལ་ཁབ་ཀྱིས་བོད་ཀྱི་མི་གྲངས་གང་ཐུབ་ཐུབ་ཉུང་ཉུང་ཕྱིར་བསྒྲགས་བྱེད་པ་ལས་གང་ཡོད་པ་དེ་བསྒྲགས་ན་བོད་ཀྱི་མི་འབོར་ཆེན་པོ་རེད།
སྤྱིར་ན་བོད་པའི་ཆོས་ལུགས་ནི་ནང་པའི་ཆོས་ཡིན་ཞིང་ ནང་པ་མ་དར་གོང་གི་བོན་ཆོས་དང་ ཡང་དེ་ཡི་ཕྱིས་སུ་ཁ་ཆེའི་ཆོས་ལུགས་དང་ཡི་ཤུའུ་ཆོས་ལུགས་སོགས་ཡོད་ཀྱང་ དེ་རྣམས་ཀྱི་གྲངས་འབོར་ནི་བོད་རྒྱུད་ནང་པ་དང་བསྡུར་ན་ཧ་ཅང་ཉུང།
བོད་རིགས་མང་ཆེ་བ་ནི་སྐྲ་རིང་པོར་འཇོག་རྒྱུར་དགའ་བ་དང་དེང་སྐབས་རྒྱ་རིགས་ཀྱི་ཤུགས་རྐྱེན་འཐེབ་ནས་བུ་དག་སྐྲ་འཐུང་འཐུང་བཟོས་ཀྱི་ཡོད། ན་ཚོ་ལོན་པའི་བུ་མོ་རྣམས་ལྕང་ལོ་གཉིས་ལྷ་བ་དང་བུ་མོ་ཆུང་ཆུང་དག་གི་ལྕང་ལོག་གཅིག་ལྷ་ཡི་ཡོད་པ་རེད། བོད་ཀྱི་གནམ་གཤིས་གྲང་བའི་རྐྱེན་གྱིས་ཕོ་གཞོན་མོ་གཞོན་རྣམས་ཕྱུ་པ་ལྭ་བ་གྱོན་གྱི་ཡོད། ཕོ་གཞོན་དག་གི་ཕྱུ་པ་ཅང་འཐུང་བ་ཡོད། ས་གནས་མི་འདྲ་ལ་གྱོན་གོས་འཁྱད་ཆོས་མི་འདྲ་བའང་ཡོད། འབྲོག་པ་ཚོས་ལུག་གི་པགས་པས་ཟོས་པའི་ཕྱུ་པ་གྱོན་གྱི་ཡོད།
Seamless Wikipedia browsing. On steroids.
Every time you click a link to Wikipedia, Wiktionary or Wikiquote in your browser's search results, it will show the modern Wikiwand interface.
Wikiwand extension is a five stars, simple, with minimum permission required to keep your browsing private, safe and transparent.