གཞུང་མེད་ལམ་སྲོལ།
From Wikipedia, the free encyclopedia
གཞུང་མེད་ལམ་སྲོལ་ངམ་སྲིད་གཞུང་མེད་པའི་རིང་ལུགས་ཞེས་པ་དེ་མཚན་ཉིད་རིག་པ་དང་ཆབ་སྲིད་ཀྱི་གྲུབ་མཐའ་ཞིག་ཡིན། སྲིད་གཞུང་མེད་པའི་རིང་ལུགས་ནི་དུས་རབས་༡༩པའི་ནང་བྱུང་བ་ཡིན་ཞིང་དེ་ནི་དབང་གྲགས་ཀྱི་ཁ་བལྟད་དུ་ལངས་པའི་གཞུང་ལུགས་ཞིག་ དང་ལགས་ལེན་གཙོ་བོར་འཛིན་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན། སྲིད་གཞུང་མེད་པའི་རིང་ལུགས་ནང་དབང་ཆས་སྤྱི་ཚོགས་འཛུགས་པའི་རྩ་དོན་ཁས་མི་ལེན་ཞིང་དེ་བས་རྩ་དོན་དེ་དག་གིས་ སྤྱི་ཚོགས་ཀྱི་ལམ་ལུགས་ལ་ཚོད་འཛིན་བྱེད་པ་ལ་ངོ་རྒོལ་བྱེད་ཀྱི་ཡོད།