![cover image](https://wikiwandv2-19431.kxcdn.com/_next/image?url=https://upload.wikimedia.org/wikipedia/commons/thumb/b/b3/%25E6%2598%258E%25E5%25A4%25AA%25E7%25A5%2596%25E7%2594%25BB%25E5%2583%258F.jpg/640px-%25E6%2598%258E%25E5%25A4%25AA%25E7%25A5%2596%25E7%2594%25BB%25E5%2583%258F.jpg&w=640&q=50)
ཀྲུའུ་ཡོན་ཀྲང་།
From Wikipedia, the free encyclopedia
ཀྲུང་གོའི་ལོ་རྒྱུས་སྟེང་དུ། རྒྱལ་པོ་ཧྭན་ཀའོ་ཙུའུ་ཕུད་པའི་རྗེས་སུ། ཀྲུའུ་ཡོན་ཀྲང་(༡༣༢༨-༡༣༩༨)(རྒྱ་སྐད།: 朱元璋)ནི་མི་སེར་ནས་ཐོན་པའི་གོང་མ་གཅིག་པུ་ཡིན། ཁོང་གིས་ཞིང་པའི་གྱེན་ལོག་དམག་མི་ཞིག་ནས་མགོ་བརྩམས་ཏེ་མཐར་གནམ་འོག་ཞོད་འཇགས་སུ་བཏང་ནས་མིང་རྒྱལ་རབས་ཀྱི་སྲིད་དབང་བཙུགས་པ་རེད། ཁོང་གོང་མའི་ཁྲི་ལ་བཞུགས་རྗེས་བཅོས་བསྒྱུར་ཆེན་པོ་གཉིས་མཛད་པ་ནི། གཅིག་ཏུ་སྲིད་བློན་གྱི་ལམ་ལུགས་དོར་ནས་རྒྱལ་པོ་རང་གི་དབང་ཆ་ཇེ་ཆེར་བཏང་བ་དང་། གཉིས་སུ་གོང་མའི་ཁྱིམ་རྒྱུད་རྒྱལ་སའི་ཕྱི་རོལ་ཏུ་ཕུད་པར་མ་ཟད་ཁོ་ཚོའི་དབང་ཆ་ལ་ཚོད་འཛིན་ངེས་ཅན་བྱས་ཏེ་གོང་མའི་སྲིད་དབང་ལ་གཡོ་འགུལ་མེད་པ་བཟོས། ཁོང་གིས་ད་དུང་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་གང་མང་གཏན་འཁེལ་བྱས་ཏེ་ཞིང་ལས་དང་ཚོང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཁོས་སྲིད་བསྐྱངས་པའི་རིང་ལ་"ཧུང་ཝུའུ་ཁྲི་ལོའི་སྲིད་ཀྱི་བཅོས་སྐྱོང་"ཞེས་བསྔགས་སོ།[1]
![Thumb image](http://upload.wikimedia.org/wikipedia/commons/thumb/b/b3/%E6%98%8E%E5%A4%AA%E7%A5%96%E7%94%BB%E5%83%8F.jpg/640px-%E6%98%8E%E5%A4%AA%E7%A5%96%E7%94%BB%E5%83%8F.jpg)